ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བསྐྱར་དུ་དམག་སྦྱོང་བྱེད་རྒྱུ།



རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་གཟའ་ཕུར་བུ་ཉིན་གང་དམག་སྦྱོང་བྱེད་རྒྱུ་ཡིན་པས་གྲུ་གཟེངས་གཞན་ཁག་འདི་ཁུལ་དུ་ཡོང་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་དང་ རྒྱུན་དུ་རྒྱ་ནག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་དེ་རིགས་བྱས་པའི་སྐབས་སུ་བདག་དབང་ཐད་ལ་རྩོད་གཞི་ཡོད་བཞིན་པའི་གནས་སྟངས་ཁག་དེ་བས་ཛ་དྲག་ཏུ་བཏང་གི་ཡོད་པ་དང་ལྷག་པར་ད་རེས་ཀྱི་དམག་སྦྱོང་དེ་ནི་ཉེ་འཆར་ཨ་མི་རི་ཀའི་གཏོར་རྒོལ་ནུས་པ་ཅན་གྱི་མཚོ་དམག་གྲུ་གཅིག་འདི་ཁུལ་དུ་ཆེད་གཏོང་བྱས་པའི་རྐྱེན་གྱིས་རྒྱ་ནག་ནས་ཁོང་ཁྲོ་ཆེན་པོས་དམག་གྲུ་དེ་འཕྲལ་དུ་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ནས་གཟའ་འཁོར་གཅིག་མིན་ཙམ་གྱི་དུས་ཡུན་ལས་ཕྱིན་མེད་པའི་སྐབས་དེར་བྱས་པ་ཞིག་ཀྱང་ཡིན་པ་དང་ ཨ་མི་རི་ཀས་དམག་གྲུ་མངགས་གཏོང་དེ་ཚོ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཚོ་ཐོག་གི་འགྲོ་བསྐྱོད་རང་དབང་སྲུང་སྐྱོབ་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་གི་ཡོད་པ་རེད།

XS
SM
MD
LG