ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཁུལ་དུ་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ཐོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་གནམ་ཐང་དུ་དཔལ་ལྡན་སྲིད་སྐྱོང་གིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཕེབས་བསུར་བཅར་ཡོད་པ་དང་ སྐུ་བཅར་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་༧གོང་ས་མཆོག་གི་ཆིབས་སྒྱུར་ཁག་ལ་མང་ཚོགས་ནས་ཧ་ཅང་གི་དད་གུས་ཆེན་པོ་ཞུས་པ་སོགས་མཛད་འཕྲིན་རྒྱས་པོ་བྱུང་ཡོད་པའི་འགྲེལ་བརྗོད་གནང་བ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG