ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རི་དང་ལྷོ་ཀོ་རི་ཡ་ བྱང་ཀོ་རི་ཡའི་འཕུར་མདེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་བྱང་ཀོ་རི་ཡས་འཕེན་ཕོག་མེ་ཤུགས་འཕུར་མདེལ་འབྲིང་གྲས་ཤིག་ཚོད་ལྟ་ཐེངས་གཉིས་བྱས་ཀྱང་ལམ་ལྷོངས་བྱུང་མེད་ཅིང་། འདི་ནི་ལོ་འདིར་བྱང་ཀོ་རི་ཡས་འཕེན་ཕོག་མེ་ཤུགས་འཕུལ་མདེལ་ཚོད་ལྟ་བྱས་ནས་ལམ་ལྷོངས་མ་བྱུང་བ་ཐེངས་བརྒྱད་པ་ཡིན་པ་དང་། ཁ་སྔོན་གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡའི་ནུབ་བྱང་མཚམས་ཀྱི་ཁུ་སུང་གྲོང་ཁྱེར་གྱི་ས་གནས་ཤིག་ཏུ་འཕེན་ཕོག་མེ་ཤུགས་འཕུར་མདེལ་ཚོད་བྱས་ཏེ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་མུ་སུ་དྷན་འཕུར་མདེལ་གྱི་རིགས་ཤིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་མ་བྱས་པའི་སྔ་ཉིན་དེར་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་རྒྱལ་ས་ཝ་ཤིང་ཊོན་དུ་ལྷན་འཛོམས་བྱས་ཏེ། ཁོ་ཚོས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་མཉམ་འབྲེལ་བྱས་ནས་བྱང་ཀོ་རི་ཡའི་ཉེན་ཀ་འགོག་རྒྱུའི་གྲོས་བསྡུར་བྱས་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇཱོན་ཁེ་རིས་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གཏམ་བཤད་ནན་པོ་འདུག་ཡོད་པ་རེད།

XS
SM
MD
LG