ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་གླེང་སྟེགས་ཉིས་སྟོང་ཞེས་པའི་ཚོགས་འདུར་བཀའ་སློབ་བསྩལ་པ།


རེས་གཟའ་མིག་དམར་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཀ་ནང་ཚོགས་བཞིན་པའི་གླེང་སྟེགས་ཉིས་སྟོང་ཞེས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མཇུག་བསྡོམས་ཚོགས་དུས་ལ་བཀའ་སློབ་གནང་འདུག་པ་དང་། ཚོགས་དུས་དེའི་བརྗོད་གཞི་དེང་གི་འཛམ་གླིང་དང་དེར་གདོང་ལེན་བྱེད་དགོས་པའི་གནད་དོན་ཞེས་པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་དང་རང་དབང་། དེང་དུས་ཤེས་ཡོན་གྱི་ཁོངས་སུ་ནང་སེམས་ཀྱི་ནུས་པ་གོང་འཕེལ་གཏོང་ཐབས་ཀྱི་སློབ་གསོ་དགོས་གལ། དེ་བཞིན་ཡུ་རོབ་མཉམ་འབྲེལ་སོགས་སྤྱི་མཐུན་གྱི་བསམ་བློ་རྒྱ་ཆེ་རུ་གཏོང་དགོས་པ་སོགས་གནད་དོན་མང་པོར་དགོངས་ཚུལ་གསུངས་པ་དང་ཆབས་ཅིག ལྷན་ཚོགས་དེ་གསར་འཛུགས་གནང་མཁན་སྲིད་འཛིན་དམ་པ་ཝས་ལཝ་ ཧ་ཝལ་ལ་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོང་གི་རེེ་བའི་ཕུགས་བསམ་རྣམས་མཇུག་འཁྱོངས་བྱེད་ཐུབ་པ་དགོས་པའི་བསྐུལ་མ་གནང་འདུག་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གླེང་སྟེགས་ཉིས་སྟོང་ཞེས་པའི་ཚོགས་འདུར་བཀའ་སློབ་མ་གནང་གོང་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ཌ་ནྱིལ་ ཧར་མན་གྱིས་མཇལ་ཁ་ཞུས་འདུག

XS
SM
MD
LG