ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གྷོ་ཧཱ་རུ་བོད་མིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ཡོད་པ།


རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་ རྒྱལ་ཁབ་ལྔའི་ཆེས་མཐོའི་ལྷན་ཚོགས་ལ་ཚོགས་ཞུགས་བྱ་རྒྱུའི་ཆེད་དུ་ རྒྱ་གར་གྱི་ལྷོ་ནུབ་མངའ་སྡེ་གྷོ་ཧར་འབྱོར་བའི་སྐབས་ བོད་མིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་ དེ་ཡང་ རྒྱ་གར་གྱི་གསར་ཤོག་ཁག་གིས་གནས་ཚུལ་སྤེལ་ལྟར་ན་ ཞཱི་ཅིང་ཕིང་ཚོགས་འདུར་འབྱོར་བའི་ཉིན་མོ་སྟེ་ ཕྱི་ཟླ་བཅུ་པའི་ཚེས་༡༥ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཏེ་ བོད་པའི་སློབ་ཕྲུག་བརྒྱ་སྐོར་ཙམ་ཞིག་ ཚོགས་འདུ་ཚོགས་ཡུལ་ནས་རྒྱང་ཐག་དེ་ཙམ་མི་རིང་བའི་སར་ཡོད་པའི་གྲོང་ཁྱེར་མར་གྷ་འོའི་མི་ཚོགས་ཤིན་ཏུ་ཆེའི་ལམ་མདོ་ཞིག་ཏུ་འདུ་འཛོམས་བྱས་ཏེ་ བོད་ལ་རང་དབང་དགོས་ རྒྱ་མི་བོད་ནས་ཕར་རྒྱུག་ཤིག་ གསེར་རྟ་བླ་རུང་ཆོས་སྒར་བསྟོར་བཤིག་གཏོང་མཚམས་འཇོག་དགོས་ཞེས་པ་ལ་སོགས་པའི་འབོད་ཚིགས་སྒྲོགས་པ་དང་ འབོད་ཚིགས་དེ་དག་འཁོད་པའི་ཡིག་སྦྱང་དང་ཕྲེ་དར་འཕྱར་བ་སོགས་བྱས་ཏེ་ རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་ཤུགས་ཆེ་སྤེལ་ཡོད་འདུག

XS
SM
MD
LG