ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྨན་རྩིས་ཁང་ནས་ལུས་སེམས་སྲོག་གསུམ་གྱི་བགྲོ་གླེང་ཐེངས་བཞི་པ་གོ་སྒྲིག་གནང་བ།


བོད་ཀྱི་སྨན་རྩིས་ཁང་ནས་བཞུགས་སྒར་དུ་ལུས་སེམས་སྲོག་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་གོ་སྒྲིག་ཞུས་ཡོད་པ་དང་ བགྲོ་གླེང་དེའི་ནང་བོད་ཀྱི་ནང་དོན་རིག་པ་དང་གསོ་བ་རིག་པ། སྐར་རྩིས་དང་ཕྱི་ལུགས་སེམས་ཁམས་རིག་པ་བཅས་ཀྱི་མཁས་པ་གཉིས་རེ་གདན་འདྲེན་ཞུས་ཡོད་པ་དང་ཉིན་གསུམ་རིང་ཕན་ཚུན་དགོངས་ཚུལ་བརྗེས་ལེན་སོགས་ཀྱི་ཐོག་ནས་ཚོགས་ཆེན་བསྐྱངས་བཞིན་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG