ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་མདུན་དུ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་བསྒྱུར་ནས་དམག་གི་གྲངས་འབོར་ཉུང་དུ་གཏོང་གི་ཡོད་པ་དང་། ཁ་སང་ཕྱི་ཟླ་༡༠་ཚེས་༡༡་ཉིན་རྒྱ་ནག་གི་དམག་ཞབས་ཟུར་པ་སྟོང་ཕྲག་གཅིག་ལྷག་པེ་ཅིང་གི་རྒྱལ་སྲུང་ལྷན་ཁང་མདུན་དུ་འདུ་འཛོམས་བྱས་ཏེ། ཁོ་ཚོས་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོར་ལས་ཀ་དང་རྒས་ཕོགས་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་དུས་ཡུན་ཆུ་ཚོད་འགའ་ཞིག་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་དཀྱུས་ཆས་གྱོན་པའི་ཉེན་རྟོག་པ། གཞན་ཡང་རྒྱ་ནག་གི་བདེ་འཇགས་ཚན་པ་ཁག་གི་ལས་སྣེ་བརྒྱ་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་པ་རྣམས་མཐའ་བསྐོར་ཏེ། ཁོ་ཚོ་རླངས་འཁོར་ནང་དུ་བཅུག་ནས་བཙན་ཁྲིད་བྱས་པ་དང་། རྒྱ་ནག་གི་དམག་ཞབས་ཟུར་པ་མང་པོ་ཞིག་གིས་ཚོན་མདོག་ལྗང་སེར་ཅན་གྱི་དམག་ཆས་རྙིང་པ་གྱོན་པ་དང་ཞྭ་མོའི་ཐོད་པར་ཟོར་བ་དང་ཐོ་བ་སྦྲེལ་པའི་དམར་ཤོག་གི་མཚོན་རྟགས་སྐར་མ་བཏགས་མོད། འོན་ཀྱང་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོར་གཅིག་གྱུར་གྱི་ངོ་རྒོལ་འབོད་ཚིག་ཅིག་མེད་པ་རེད།།

XS
SM
MD
LG