ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཡི་ཤུའི་བླ་ཆེན་གྱིས་༧གོང་ས་མཆོག་ཆོས་ལུགས་ཀྱི་ཚོགས་འདུར་གདན་ཞུ་གནང་མེད་པར་སྐྱོན་བརྗོད།


ཡི་ཤུའི་བླ་ཆེན་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་གསོལ་འདེབས་སྨོན་ལམ་གནང་རྒྱུར་རྒྱལ་སྤྱིའི་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་དང་སྐུ་ཚབ་ཀྱི་ལྷན་ཚོགས་ཤིག་ཟླ་བ་སྔོན་མར་ཨི་ཊི་ལིའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཨ་སི་སིའི་ནང་བསྡུ་སྐོང་གནང་ཡོད་པ་དེའི་སར་བླ་ཆེན་མཆོག་གིས་ནང་པའི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་གནང་མེད་པ་དེར་དབྱིན་ཇིའི་ཉིན་རེའི་གསར་ཤོག་གྷཱར་ཌི་ཡན་གྱི་རྩོམ་སྒྲིག་པའི་གླེང་བརྗོད་ཀྱིས་སྐྱོན་བརྗོད་གནང་ཡོད་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG