ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཨ་རི་ཁུལ་གྱི་བོད་ཡིག་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་ ཕྱི་ཟླ་བཅུ་པའི་ཚེས་གཅིག་ རེས་གཟའ་སྤེན་པའི་ཉིན་ མངའ་སྡེ་མི་ནཱི་སོ་ཊའི་ནང་དབུ་འཛུགས་གནང་སྟེ་ ཚེས་གཉིས་ཀྱི་ཉིན་ ཚོགས་འདུ་ལེགས་པར་མཇུག་འགྲིལ་ཡོད་ཅིང་ བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་ཚོགས་ཆེན་དེར་ བྱང་ཨ་རི་ཁུལ་གྱི་བོད་ཡིག་སློབ་གྲྭ་ཁག་གི་ངོ་ཚབ་འཐུས་མི་ལྔ་བཅུ་མིན་ཙམ་ཞིག་ཚོགས་ཞུགས་གནང་སྟེ་ བོད་པའི་ཕྲུ་གུ་རྣམས་ལ་ རང་མི་རིགས་ཀྱི་སྐད་ཡིག་སློབ་འཁྲིད་བྱ་ཕྱོགས་ཇི་འགབ་ཀྱི་ཐད་གྲོས་བསྡུར་ལྷུག་པོ་གནང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་གཞོན་སྐུ་ཞབས་བསྟན་འཛིན་དབྱིག་གཉེན་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG