ཨཽ་བྷ་མས་ཁྲིམས་གཞི་ཞིག་ཆོད་སློག་བཏང་བར་གྲོས་ཚོགས་ཀྱིས་མོས་མཐུན་མེད་པའི་འོས་འཕངས།
༩ / ༡༡ཉིན་འཇིགས་བསྐུལ་རིང་ལུགས་པས་ཨ་མི་རི་ཀར་བསྟོར་རྒོལ་དྲག་པོ་བཏང་སྟེ་ མི་ཧ་ཅང་མང་པོར་ཤི་རྨས་བྱུང་ཡོད་པས་ ཤི་རྨས་ཀྱི་གོད་ཆགས་བྱུང་བ་རྣམས་ཀྱི་ནང་མིས་ སཱའུ་དྷི་ ཨཱ་རཱ་བྷི་ཡར་ ཁ་མཆུ་རྒྱག་ཆོག་པའི་ཁྲིམས་གཞི་ཞིག་ལ་ སྲིད་འཛིན་བྷ་རག་ ཨཽ་བྷ་མ་མཆོག་གིས་དགག་པ་སྐྱོན་ཏེ་ཆོད་སློག་བཏང་ཡོད་ཀྱང་ རེས་གཟའ་ལྷག་པའི་ཉིན་ གྲོས་ཚོགས་གོང་འོག་གཉིས་ཀས་ སྲིད་འཛིན་གྱི་ཐག་གཅོད་དེར་མོས་མཐུན་དང་རྒྱབ་སྐྱོར་མེད་པའི་འོས་ཤོག་འཕངས་ཏེ་ ཆོད་སློག་བརྩི་མེད་དུ་བཏང་ཡོད་པ་རེད།
ལེ་ཚན།
-
ཟླ་བ་གཉིས་པ། ༠༡།༢༠༢༣
རྒྱ་ནག་གི་ཕྱི་ཚོང་དངོས་ཟོག་རིགས་ལ་རྒྱ་གར་གྱིས་དམ་དྲག་བྱ་རྒྱུ།
-
ཟླ་བ་གཉིས་པ། ༠༡།༢༠༢༣
ཨ་རིས་བལ་ཡུལ་ནང་ཨ་སྒོར་ཐེར་འབུམ་གཅིག་གི་མ་རྩ་བཙུག་རྒྱུ་ཡིན་འདུག
-
ཟླ་བ་དང་པོ། ༢༩།༢༠༢༣
ནད་ཡམས་དམ་དྲག་གི་སྲིད་ཇུས་ལྷོད་ཡངས་བཏང་རྗེས་རྒྱ་ནག་ནང་ཡུལ་སྐོར་བ་ཇེ་མང་དུ་ཕྱིན།