ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་སྤྱི་འཐུས་ཀྱི་གྲོས་ཚོགས་སུ་ཟུར་ཉན་ལ་ཕེབས་པ།


བཞུགས་སྒར་དུ་འཚོགས་བཞིན་པའི་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་བརྒྱད་པའི་ཐོག་ལ་རྒྱ་གར་གྱི་ཧེ་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་ལས་བྱེད་ཁག་ཅིག་ཟུར་ཉན་དུ་ཕེབས་ཡོད་པ་དང་ ཁོང་ནས་བོད་མི་མང་སྤྱི་འཐུས་རྣམ་པའི་ལྷན་ཚོགས་གནང་ཕྱོགས་ལ་བསྔགས་བརྗོད་ཞུས་ཡོད་པ་དང་བོད་མི་ཚོ་གཞན་དུ་ཡོད་ཀྱང་གཞུང་གི་འཛིན་སྐྱོང་ཡོད་པ་མ་ཟད་གྲོས་ཚོགས་ཀྱང་བསྐྱངས་བཞིན་པ་སོགས་གཟིགས་སྐབས་འཛམ་གླིང་ནང་སྐྱབས་བཅོལ་བས་གཞུང་གི་ལས་དོན་ཚགས་ཚུད་དེ་འདྲ་བ་གནང་ཐུབ་མཁན་ཡོད་པ་དྲན་གྱི་མི་འདུག་ཅེས་དགོངས་ཚུལ་གསུང་ཡོད་པ་རེད།

XS
SM
MD
LG