ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་པོ་ལཎྜའི་རིས་མེད་ཆོས་ལུགས་དབུ་ཁྲིད་ཚོའི་ལྷན་དུ་སྨོན་ལམ་གསུང་འདོན་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལཎྜའི་གྲོང་ཁྱེར་ཝ་རག་ལིར་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ཀྱི་ལྷན་དུ་སྨོན་ལམ་གསུང་འདོན་གནང་འདུག་པ་དང་། སྨོན་ལམ་གསུང་འདོན་གྲུབ་མཚམས་ཞི་བདེའི་རེ་འབོད་ཅེས་པའི་ཡིག་ཆར་མཚན་རྟགས་གནང་འདུག ༧གོང་ས་མཆོག་གི་ཆིབས་ཞབས་ཁོངས་དབྱིན་ལན་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གསུངས་དོན་ལ་ པོ་ལཎྜ་ནང་གཏན་སྡོད་བོད་མི་སུམ་ཅུ་ལྷག་ཙམ་ཡོད་པ་ཚོར་ཟུར་དུ་མཇལ་ཁ་དང་བཀའ་སློབ་གནང་ནས་བོད་མི་ཉུང་ཤས་ལས་མེད་ཀྱང་། པོ་ལཎྜ་ནང་བོད་མིའི་ངོ་ཚབ་མཚོན་ཐུབ་པ་བྱེད་དགོས་པ་དང་། རྒྱུན་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་དོ་སྣང་བྱེད་དགོས་པའི་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་པོཎྜའི་མཛད་འཆར་རྣམས་ལེགས་པར་གྲུབ་སྟེ་རེས་གཟའ་ཕུར་བུའི་སྔ་དྲོ་རྒྱ་གར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག

XS
SM
MD
LG