ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་ཡུལ་གྱིས་རྒྱ་དཀར་ནག་གཉིས་དང་འབྲེལ་བ་འཛིན་ཕྱོགས་དོ་མཉམ་ཡོང་ཐབས་བྱེད་ཀྱི་ཡོད་པ།


བལ་ཡུལ་གྱི་སྲིད་བློན་གསར་པས་རྒྱལ་དོན་འཚམས་འདྲི་དང་པོ་རྒྱ་གར་ལ་བསྐྱོད་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ རྒྱ་གར་དང་འབྲེལ་བ་སླར་གསོ་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་ལས་ རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་མཚོན་པ་དེ་འདྲ་གང་ཡང་མ་རེད་ཅེས་ བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ དེ་ཡང་ པུཤ་པཱ་ ཀཱ་མལ་ དྷལ་ ཉེ་དུས་བལ་ཡུལ་གྱི་སྲིད་བློན་ལ་འདེམས་བསྐོ་བྱུང་ཐེངས་གཉིས་པ་དེ་བྱུང་བའི་རྗེས་སུ་ ཁོང་གིས་ རང་གི་གོང་གི་སྲིད་བློན་གྱི་བྱེད་སྟངས་དང་མི་འདྲ་བར་ རྒྱལ་དོན་འཚམས་འདྲི་དང་པོ་རྒྱ་ནག་ལ་མ་བསྐྱོད་པར་ རྒྱ་གར་ལ་བསྐྱོད་རྒྱུའི་ཐག་གཅོད་བྱས་ཏེ་ ཟླ་བ་འདིའི་ཚེས་༡༥ནས་འགོ་འཛུགས་ཀྱིས་དུས་ཡུན་ཉིན་གྲངས་བཞིའི་རིང་ རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་བསྐྱོད་ཡོད་པ་དེའི་ཐོག་ནས་ ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ ཡར་རྒྱས་ཀྱི་ལམ་ཕྱོགས་གསར་པ་ཞིག་གི་ཕྱོགས་སུ་བསྐྱོད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

XS
SM
MD
LG