ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨོ་སི་ཊི་རེ་ལི་ཡའི་ཆབ་སྲིད་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཚུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟ་འཕོ་འགྱུར་འགྲོ་ལ་ཉེ་བའི་ཨོ་སི་ཊི་རེ་ལི་ཡར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པར་ཨོ་སི་ཊི་རེ་ལི་ཡའི་ཚགས་པར་གྱིས་བཅར་འདྲི་ཞུས་ཏེ། ཨ་མི་རི་ཀའི་གཞུང་ཚབ་པ་ཇཱོན་བྷེ་རིས་ཨོ་སི་ཊེ་རེ་ལི་ཡའི་འོས་འདེམས་དང་ཆབ་སྲིད་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་ངོ་རྒོལ་ཡོད། ཉེ་དུས་ཤིག་ནས་ཨོ་སི་ཊེ་རེ་ལི་ཡའི་ཆབ་སྲིད་ལ་རྒྱ་ནག་གིས་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པ་དེར་ཨ་མི་རི་ཀ་ཧང་སང་སོང་། ཨོ་སི་ཊེ་ལི་ཡའི་གཞུང་གིས་རང་གི་ཆབ་སྲིད་ལམ་ལུགས་དང་དམངས་གཙོའི་རང་དབང་ལ་སྲུང་སྐྱོབ་བྱས་ཏེ། ཨོ་སི་ཊི་རེ་ལི་ཡའི་འོས་འདེམས་ལས་འགུལ་ལ་རྒྱ་ནག་གིས་འགྲོ་གྲོན་བཏང་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐུབ་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་ཡོད་ཅིང་། ཉེ་ཆར་ཨོ་སི་ཊི་རེ་ལི་ཡའི་ཁ་གཏད་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི། ཌ་སི་ཊི་ཡ་རིའི་འགྲིམ་འགྲུལ་གྱི་འགྲོ་གྲོན་ཁག་ཅིག་རྒྱ་ནག་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཞིག་ལ་གཏོང་རོགས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་ནས་བཟུང་། ཨོ་སི་ཊི་རེ་ལི་ཡའི་གྲོས་ཚོགས་འཐུས་མི་ཚོར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད་ལ་གླེང་སློང་ཤུགས་ཆེན་བྱུང་སྟེ། གྲོས་ཚོགས་འཐུས་མི་ཌ་སི་ཊི་ཡ་རི་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཐུག་ཡོད་པ་རེད།།

XS
SM
MD
LG