ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་ཝུའུ་ཁང་གྲོང་འཚོའི་ནང་ནས་ཧོང་ཀོང་གི་གསར་འགོད་པ་ཕྱིར་འབུད་པ།


རྒྱ་ནག་གི་གོང་ཏུང་ཞིང་ཆེན་གྱི་ཝུའུ་ཁང་གྲོང་འཚོའི་ནང་ས་ཆ་བཙན་འཕྲོག་ལ་ངོ་རྒོལ་ཆེད་དུ་མང་ཚོགས་ནས་ཞི་བའི་རྔམ་སྟོན་བྱེད་བཞིན་པའི་ཐོག་ལ་སྲིད་གཞུང་ནས་དམག་བཏང་ཏེ་དྲག་གནོན་བྱས་པའི་ཉིན་གཉིས་ཀྱི་རྗེས་སུ་གསར་འགོད་ཐོག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ཧོང་ཀོང་གི་གསར་འགོད་པ་ལྔ་འདི་ཁུལ་ནས་ཕྱིར་འབུད་བྱས་ཡོད་པ་རེད། ཝུའུ་ཁང་གྲོང་འཚོའི་ནང་གཞུང་གི་དམག་མིས་མང་ཚོགས་ཐོག་དྲག་གནོན་དང་མང་ཚོགས་ནས་དམག་མིའི་ཐོག་ལ་རྡོ་ཞུས་པ་སོགས་ཛ་དྲག་གི་གནས་སྟངས་ཁག་ཕྲན་བུའི་ཞི་འཇམ་བྱུང་ཡོད་ནའང་དམག་མི་མུ་མཐུད་དེ་འགྲེམས་འཛུགས་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG