ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་ཝུའུ་ཁང་གྲོང་འཚོའི་མང་ཚོགས་ཀྱི་ཞི་རྒོལ་ལ་གཞུང་གི་དྲག་གནོན་བྱས་ཡོད་པ།


རྒྱ་ནག་གི་གོང་ཏུང་ཞིང་ཆེན་གྱི་ཝུའུ་ཁང་གྲོང་འཚོའི་ནང་ས་ཆ་བཙན་བཟུང་ལ་ངོ་རྒོལ་ཆེད་དུ་ཕྱི་ཟླ་དྲུག་པའི་ཚེས་༡༩ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་བཞིན་པའི་ཐོག་ལ་དྲག་གནོན་བྱེད་སྒོ་འཚུགས་ཡོད་པ་རེད་ དེ་ཡང་ཕྱི་ཟླ་༩པའི་ཚེས་༡༣ ཉིན་མོའི་ཐོ་རེངས་ལ་གློ་བུར་དྲག་ཟིང་བཀག་འགོག་གི་བདེ་འཇག་དམག་མི་ཁྱོན་ཆེ་ཞིག་ཝུའུ་ཁང་གྲོང་འཚོའི་ནང་འབྱོར་ནས་རྔམ་སྟོན་ཁྲོམ་སྐོར་གྱི་འགོ་འཁྲིད་ཚོའི་ཁྱིམ་ཚང་རེ་རེར་སྔོག་བཤེར་དང་མི་འཇུ་བཟུང་སོགས་བྱས་ཡོད་པ་དང་ མང་ཚོགས་ནས་རྡོ་སོགས་འཕེན་ནས་མི་འཇུ་བཟུང་བཀག་ཐབས་བྱེད་སྐབས་བདེ་འཇག་དམག་མིས་མང་ཚོགས་ཐོག་དྲག་གནོན་བྱས་པ་དང་ཁྱོན་མི་༡༣ཙམ་འཛིན་བཟུང་བྱས་ཡོད་པ་རེད། ཝུའུ་ཁང་གྲོང་འཚོ་ནི་ལོ་ལྔའི་གོང་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་གསར་འགྱུར་ཐོག་ཁྱབ་བསྒྲགས་ཆེན་པོ་བྱུང་བ་ཞིག་བྱུང་བ་ཞིག་ཡིན་པ་རེད།

XS
SM
MD
LG