ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གླེང་རྣམས་སེལ་རྒྱུའི་ལས་དོན་མུ་མཐུད་དུ་བྱེད་དགོས།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ ཨཽ་བྷ་མ་མཆོག་གིས་ ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་ཐད་རྩོད་གླེང་ཡོད་པ་རྣམས་ཞི་བའི་སྒོ་ནས་སེལ་རྒྱུར་ ལས་དོན་མུ་མཐུད་དེ་ངེས་པར་དུ་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད་ དེ་ཡང་ རེས་གཟའ་ཕུར་བུའི་ཉིན་ ལཱ་འོ་སི་ཡུལ་གྱི་ནང་ ལྷོ་ཤར་ཨེ་ཤི་ཡེའི་ཡུལ་གྲུའི་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་དང་གྲོས་མོལ་ཚོགས་འདུ་ཚོགས་པའི་སྐབས་ སྐུ་ཞབས་ཨཽ་བྷ་མ་མཆོག་གིས་གོང་གི་གཏམ་བཤད་དེ་གནང་དང་སྦྲགས་ རྒྱ་ནག་གིས་ ལྷོ་རྒྱ་ནག་རྒྱ་མཚོ་ཧ་ལམ་བརྒྱ་ཆ་དགུ་བཅུ་ཙམ་རང་ལ་བདག་གི་ཡོད་པའི་རྩོད་གླེང་བྱེད་ཀྱི་ཡོད་པ་དེ་ ཁྲིམས་མཐུན་མིན་པ་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཁྲིམས་ཁང་གིས་ཕྱི་ཟླ་བདུན་པའི་ནང་ཐག་གཅོད་བྱས་ཡོད་པ་དེ་ནི་ ཁྲིམས་ཐོག་གི་ཐག་གཅོད་ཅིག་ཡིན་པ་དང་ ཐག་གཅོད་དེའི་ཐོག་ནས་གནས་ཚུལ་གསལ་པོ་ཆགས་རྒྱུར་ཕན་ཐོགས་བྱུང་ཡོད་པས་ ཁྲིམས་ཁང་གི་ཐག་གཅོད་དེ་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་ཚང་མས་ཤུགས་སྣོན་རྒྱག་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད།

XS
SM
MD
LG