ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མ་རྩ་འཛུགས་འཇོག་ཁེ་ལས་ཁང་ནས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན།


རྒྱ་ནག་གི་མ་རྩ་འཛུགས་འཇོག་ཁེ་ལས་ཁང་གིས་ལོ་གཉིས་ནང་ཚུད་མ་རྩ་ཨ་སྒོར་ཁྲག་ཁྲིག་གཅིག་ཡོད་པའི་འཛམ་གླིང་དཔལ་འབྱོར་གྱི་ཐོག་ལ་ཤུགས་རྐྱེན་ཆེ་ཤོས་དང་མ་དངུལ་མང་ཤོས་ཡོད་པ་ཞིག་ཏུ་འགྱུར་རྒྱུ་ཡིིན་ཞེས་ཁེ་ལས་ཁང་དེའི་གཙོ་འཛིན་གྱིས་བརྗོད་ཡོད་པ་རེད། ཡིན་ནའང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གཞུང་ནས་མ་རྩ་འཛུགས་འཇོག་སོགས་ཀྱི་འཚོང་འབྲེལ་ཐོག་གོ་སྐབས་འདྲ་མཉམ་སྤྲད་ཀྱི་མེད་པའི་སྐྱོན་བརྗོད་ཞུ་ཡི་ཡོད་པ་རེད། དེའི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG