ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་སྲིད་བཀའ་བློན་དང་འབྲས་ལྗོངས་མངའ་སྡེའི་གཞུངགི་སྤྱི་ཁྱབ་མཇལ་འཕྲད་གནང་བ།


བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་འབྲས་ལྗོངས་ཁུལ་དུ་གཟིགས་ཞིབ་ཏུ་ཕེབས་ནས་འབྲས་ལྗོངས་མངའ་སྡེའི་གཞུང་གི་སྤྱི་ཁྱབ་དང་མཇལ་འཕྲད་ཀྱིས་གནང་ཡོད་ཅིང་། བཙན་བྱོལ་བོད་མིའི་གནས་སྟངས་ཡར་རྒྱས་ཆེད་སྤྱི་ལོ་༢༠༡༤ལོར་གཏན་འབེབས་གནང་བའི་རྒྱ་གར་དབུས་གཞུང་གི་སྲིད་ཇུས་དེ་གང་མྱུར་ལག་བསྟར་ཡོང་བའི་འབོད་སྐུལ་གནང་བ་དང་སྤྱི་ཁྱབ་འགན་འཛིན་མཆོག་ནས་ཀྱང་དེ་ལྟར་གནང་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG