ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གྱི་གཟེངས་རྟགས།


བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཚོང་ལས་འཕེལ་རྒྱས་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ལས་གཞི་ཞིག་ཡོད་པས། བོད་མིའི་མང་གཙོའི་དུས་ཚེན་ཉིན་སྐེད་རགས་ཟེར་བའི་བོད་པའི་གྱོན་ཆས་ཚོང་ལས་ཁང་དང་རྐང་འཁོར་གཡར་མཁན་གྱི་ཚོང་ལས་ཁང་གཉིས་ལ་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་། བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་སྟངས་སྐོར་གྱི་ཞིབ་འཇུག་གསར་པ་ཞིག་ཐོན་པ་ལྟར་ན། དཔལ་འབྱོར་གྱི་མ་རྩ་ཡོད་པའི་སྤྱི་ཚོགས་ཞིག་ཆགས་ཡོད་ཅེས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་འདུག གནས་ཚུལ་རྒྱས་པ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG