ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱི་སྐུ་ཚབ་རྒྱ་ནག་ལ་གཟིགས་སྐོར་ཕེབས་པར་བློ་ཁ་ཁེངས་པོ་ཞིག་བྱུང་མེད་པ།



འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ལོ་བཅུ་ཕྲག་གཅིག་ལྷག་ཙམ་འབད་བརྩོན་གནང་བའི་རྗེས་སུ་ཟླ་བ་འདིའི་ནང་རྒྱལ་ཚོགས་ཀྱི་ཆེས་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ཀྱི་དམིགས་གསལ་སྐུ་ཚབ་ཕྷེ་ལེབ་ཨེ་ཤེ་ཌོན་མཆོག་ཐེངས་དང་པོར་རྒྱ་ནག་ལ་ཕེབས་ཐུབ་ཡོད་པ་རེད། ཡིན་ནའང་རྒྱ་གཞུང་གི་གཟིགས་སྐོར་རིང་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཡིན་ཞེས་བརྗོད་ནས་གང་སར་རྗེས་འདེད་དང་ལྟ་སྲུང་བྱས་པ་མ་ཟད་ སྔོན་ནས་ཐོ་གཞུང་འབུལ་བའི་མི་ཐུག་འཕྲད་བྱེད་བཅུག་མེད་པ་འགྲེལ་བརྗོད་གནང་བ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ཚོ་ནི་རྒྱལ་ཚོགས་ཀྱི་སྐུ་ཚབ་གདན་ཞུ་ལ་བསམ་པ་རྣམ་དག་བྱས་མེད་པ་ཞིག་མཚོན་པ་རེད་ཅེས་གསུང་གི་ཡོད་པ་རེད་འོན་ཀྱང་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་ལ་ཚོད་འཛིན་བྱས་མེད་པ་དང་སྐྱོན་བརྗོད་དེ་རིགས་ནི་གཞི་རྩ་མེད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།

XS
SM
MD
LG