ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཉི་ཧོང་མཚོ་གླིང་དུ་རྒྱ་ནག་གིས་དམག་སྦྱོང་བྱས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་དམག་གྲུ་ཐོན་གསར་ཤོས་བེད་སྤྱོད་ཀྱིས་ཉི་ཧོང་གི་མཚོ་གླིང་དུ་དམག་སྦྱོང་ཞིག་བྱས་ཡོད་པ་གསལ་བསྒྲགས་བྱས་འདུག དམག་སྦྱོང་འདིའི་སྐབས་སུ་རྒྱ་ནག་གཞུང་གིས་མཁའ་དམག་བེད་སྤྱོད་ཀྱིས་མཚོ་དམག་ལ་ཕྱོགས་སྟོན་བྱས་ནས་མཚོ་དམག་དང་མཁའ་དམག་མཉམ་འབྲེལ་དམག་སྦྱོང་ཞིག་བྱས་འདུག ཡིན་ན་ཡང་འདི་ནི་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དབར་དུ་མཚོ་གླིང་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་དུས་ཚོད་ཅིག་ཏུ་འཁེལ་ཡོད་པས། དབྱེ་ཞིབ་པ་ཚོས་བརྗོད་ན། རྒྱ་ནག་གིས་གོ་སྐབས་འདི་བཟུང་ཏེ་མཚོ་དམག་གི་སྟོབས་ཤུགས་མངོན་ཐབས་བྱས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག

XS
SM
MD
LG