ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་པའི་དགེ་རྒན་ཚོར་ཁ་བྲལ་ལ་ངོ་རྒོལ་བྱ་དགོས་པའི་ཟབ་སྦྱོང་སྤྲོད་རྒྱུ།


རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དགེ་རྒན་སྟོང་ཕྲག་གསུམ་མ་ཟིན་ཙམ་ཞིག་རྒྱ་ནག་གི་སློབ་གྲྭ་གཞན་ཁག་ལ་ཆེད་སྦྱོང་ལ་བཏང་སྟེ། ཁོ་ཚོར་ཁ་བྲལ་རིང་ལུགས་ལ་འཐབ་རྒོལ་བྱ་དགོས་པའི་ཟབ་སྦྱོང་སྤྲོད་རྒྱུ་དང་། འདས་པའི་ལོ་བཅུ་ལྷག་ལ་ཁ་བྲལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ཟབ་སྦྱོང་ཚུགས་ཡོད། ཟབ་སྦྱོང་འདིའི་དུས་ཡུན་ལོ་གཉིས་ལ་ཡིན་ཞིང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་རང་གི་ས་གནས་དེའི་དགེ་རྒན་ཚོར་ཁ་བྲལ་རིང་ལུགས་ལ་འཐབ་རྒོལ་བྱ་དགོས་པའི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས། འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ཡོང་བའི་ཆེད་དུ་ཟབ་སྦྱོང་དེ་འདྲ་ཞིག་སྤྲོད་རྒྱུ་དགོས་མཁོ་ཡོད་པའི་ཐག་གཅོད་བྱས་པ་ཡིན། ཞིན་ཅང་གི་དགེ་རྒན་ཚོས་ཟབ་སྦྱོང་ལ་ཧུར་ཐག་བྱ་དགོས་ཞེས་ས་གནས་དེའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG