ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་དཔལ་འབྱོར་སྲིད་བྱུས་ཀྱི་གཏམ་བཤད་གནང་བ།


ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ལ་འཚོ་བརྟེན་ལས་ཀ་མང་བ་མཁོ་འདོན་བྱ་རྒྱུའི་ཁས་ལེན་གནང་འདུག་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལྜ་ ཀྲམ་གྱིས་ཨ་རིའི་གྲོང་ཁྱེར་ཌི་ཀྲོ་རེཊ་ནང་དཔལ་འབྱོར་སྲིད་བྱུས་དང་འབྲེལ་བའི་གཏམ་བཤད་གནང་ནས་ཨ་རི་བ་སྤྱི་ཡོངས་ལ་ཁྲལ་བབས་ཉུང་འཕྲི་བྱ་རྒྱུའི་གྲོས་འཆར་བཏོན་འདུག་ཀྱང་། སྤྱི་མཐུན་ཚོགས་ཁོངས་ཀྱི་གནད་ཡོད་མི་སྣ་མང་པོས་ཡོངས་ཁྱབ་ཡི་གེ་གཅིག་ཕྱིར་བསྒྲག་གནང་བའི་ནང་ཌོ་ནལྜ་ ཀྲམ་སྲིད་འཛིན་ལ་འོས་པའི་ཀུན་སྤྱོད་མེད་པ་མ་ཟད། ལས་འགན་འཁྱེར་ཐུབ་པའི་ཉམས་མྱོང་མི་འདུག་ཅེས་གསུངས་ཡོད་པ་རེད། ཡང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རི་ ཀི་ལིན་ཌོན་གྱིས་གླ་ཕོགས་བཟང་བའི་འཚོ་རྟེན་ལས་ཀ་མང་བ་མཁོ་འདོན་བྱ་རྒྱུའི་གྲོས་འཆར་བཏོན་པ་དང་ཆབས་ཅིག ཌོ་ནལྜ་ ཀྲམ་གྱིས་འབྱོར་ལྡན་མི་སྣ་དང་ཚོང་ལས་ཁང་ཆེ་བ་ཚོའི་ཆེད་ཁྲལ་བབས་གཅོག་ཆ་བྱ་རྒྱུས་ལས་འཆར་སྒོ་གསར་པ་གང་ཡང་མི་འདུག་ཅེས་སྐྱོན་བརྗོད་གནང་འདུག

XS
SM
MD
LG