ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ནས་ལ་དྭགས་སུ་གནས་པའི་བོད་རིགས་ཚོར་བླང་དོར་བཀའ་སློབ་སྩལ་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༧ཉིན་མོ་ལ་དྭགས་ནང་གི་བོད་མི་ཚོར་དམིགས་ནས་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་པ་དང་ དེ་ཡང་ལ་དྭགས་ཀྱི་བསོད་ནམས་གླིང་བོད་མིའི་གཞི་ཆགས་ཀྱི་མི་མང་དང་སློབ་ཕྲུག་བཅས་བོད་མི་༢༠༠༠ ལྷག་ཙམ་ཞིག་ལ་བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། མི་རིགས་ཀྱི་རྣམ་པ་མཚོན་ཆེད་སྐད་ཡིག་ཡིན་པ་དང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་འོག་ཏུའང་གཞིས་ལུས་བོད་མི་ཚོའི་སེམས་ནང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ ཐུབ་ཡོད་པར་བརྟེན། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་བཟུང་རྒྱུའི་ཐད་དམིགས་བསལ་གྱི་འགན་ཞིག་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་རེད།

XS
SM
MD
LG