No media source currently available
ཉི་འོང་གི་གོང་མ་ཨ་ཀི་ཧི་ཏོས་བརྙན་འཕྲིན་ཐོག་ཉི་འོང་མི་མང་ལ་གསུང་འཕྲིན་གནང་བའི་ནང་དགུང་ལོའི་བབས་ཀྱིས་གོང་མའི་ལས་འགན་ཚུལ་བཞིན་སྐྱོང་ཐུབ་རྒྱུར་ཐུགས་ཚབ་འདུག་ཅེས་གསུངས་འདུག་པ་དང་། དེ་ནི་གོང་མའི་གོ་གནས་ནས་བཤོལ་རྒྱུར་དགོངས་པ་བཞེས་ཀྱི་ཡོད་པའི་མངོན་རྟགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།