ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྱང་ཀོ་རི་ཡའི་འཕུར་མདའ་དང་ཉི་ཧོང་གི་བདེ་འཇགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་པ་ཉི་ཧོང་གི་མཚོ་ཁོངས་སུ་སྙོབ་པ་དང་། ད་ལྟ་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་བདེ་འཇགས་ལ་སྔར་ལས་ལྷག་པའི་ཉེན་ཀ་ཆེ་རུ་སོང་རུང་། ཉི་ཧོང་དང་ལྷོ་ཀོ་རི་ཡའི་རྒྱལ་ནང་དུ་བྱང་ཀོ་རི་ཡར་ཁ་གཏད་དྲག་པོ་ཞིག་གཅོག་དགོས་པའི་སྲིད་ཇུས་ལ་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་མང་ཚོགས་ཀྱིས་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མེད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཉི་ཧོང་གི་རྒྱུན་བཞུགས་སྐུ་ཚབ་ཀྱིས་གསར་འགོད་ལྷན་ཚོགས་སྐོང་སྟེ། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ནས་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཀ་ཇེ་ཆེར་འགྲོ་བཞིན་ཡོད། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཨེ་ཤི་ཡའི་མངའ་ཁུལ་གྱི་བདེ་འཇགས་ལའང་ཉེན་ཀ་ཆེན་པོ་ཞིག་ཡིན་ཞེས་ནན་བརྗོད་བྱས་པ་དང་། ཚོགས་འཐུས་རྒྱལ་ཁབ་བཅོ་ལྔ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ཛ་དྲག་གི་ཚོགས་འདུ་ཚོགས་ཀྱང་། ཁོ་ཚོ་བྱང་ཀོ་རི་ཡར་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྲོས་མཐུན་བྱུང་མེད་པ་རེད།།

XS
SM
MD
LG