ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྦར་ཎི་ཡིས་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་ལྕམ་ཁེ་ལིན་ཀྲོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག


ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨཱ་བྷེ་ཡིས་ རེས་གཟའ་ལྷག་པའི་ཉིན་ བློན་ཆེན་ལྷན་ཁང་ལ་འཕོ་འགྱུར་ཅུང་ཟད་ཞིག་བཏང་ཡོད་པ་དེའི་ཆ་ཤས་སུ་ རྙིང་ཞེན་རིང་ལུགས་པ་ལྕམ་ཀྲོ་མོ་མཱི་ ཨི་ནཱ་དྷ་རྒྱལ་སྲུང་བློན་ཆེན་གསར་པར་བསྐོ་བཞག་གནང་ཡོད་པ་དེ་ནི་ ལོ་རྒྱུས་ཀྱི་ཐོག་ནས་ཉི་ཧོང་དང་འཁོན་འཛིན་ཆེན་པོ་ཡོད་པ་རྒྱ་ནག་དང་ ལྷོ་ཀོ་རི་ཡ་བཅས་གཉིས་ ཁོང་ཁྲོ་ཆེན་པོ་སྐྱེ་གཞི་ཞིག་ཏུའང་འགྱུར་སྲིད་པའི་རྣམ་པ་ཡོད་པ་རེད་ འདིའི་གོང་ལ་གཞུང་འཛིན་ཚོགས་པའི་སྲིད་བྱུས་བཀོད་འདོམས་པ་ཡིན་པ་ལྕམ་ཨི་ནཱ་དྷ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ནང་ཉི་ཧོང་ལ་ཕམ་ཉེས་བྱུང་བའི་རྗེས་སུ་གཏན་འབེབས་བྱས་པའི་ད་ལྟའི་རྩ་ཁྲིམས་ལ་ འགྱུར་བཅོས་བྱ་རྒྱུའི་སྲིད་བློན་ཨཱ་བྷེ་ཡི་འཆར་གཞི་དང་དམིགས་ཡུལ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞིང་ རྙིང་ཞེན་རིང་ལུགས་པ་འགའ་ཞིག་གིས་ད་ལྟའི་རྩ་ཁྲིམས་དེ་ནི་ དམག་འཁྲུག་གི་ནང་ཉི་ཧོང་ལ་ཕམ་ཉེས་བྱུང་བའི་མཚོན་རྟགས་ངན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ དེའི་ཐོག་ལྕམ་ཨི་ནཱ་དྷ་ནི་ ཉི་ཧོང་གི་རྒྱལ་སའི་ནང་ཡོད་པའི་ཡ་སུ་ཀུ་ནི་དྲན་རྟེན་ཁང་ལ་མཆོད་འབུལ་བྱེད་པར་ཡང་ཡང་ཕེབས་མཁན་ཞིག་ཀྱང་ཡིན་ཞིང་ དྲན་རྟེན་ཁང་དེ་ནི་ དེ་སྔ་དམག་འཁྲུག་གི་སྐབས་རྐྱེན་འདས་སུ་གྱུར་བའི་ཉི་ཧོང་གི་དམག་མི་རྣམས་ལ་དྲན་གསོ་དང་ ཆེ་སྟོད་ཞུ་བའི་ཆེད་དུ་ཡིན་པས་ དེར་བསྐྱོད་མཁན་རྣམས་ཀྱིས་འདས་པོ་དེ་རྣམས་ཀྱི་ཆེད་དུ་མཆོད་འབུལ་བྱེད་ཀྱི་ཡོད་ཅིང་ འོན་ཀྱང་ རྒྱ་ནག་དང་ལྷོ་ཀོ་རི་ཡས་ དྲན་རྟེན་ཁང་དེ་ནི་ ཉི་ཧོང་གི་འདས་པའི་གདུག་རྩུབ་དང་ བཙན་གནོན་མཚོན་པའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱས་ཏེ་ དེར་ཉི་ཧོང་གཞུང་གི་མཐོ་རིམ་མི་སྣ་བསྐྱོད་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG