ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

ཧི་ལ་རི་ཀི་ལིན་ཌོན་ཨ་རིའི་ལོ་རྒྱུས་ནང་བེུད་ཀྱི་སྲིད་འཛིན་འོས་མི་དང་པོ་ཆགས་པ།


རེས་གཟའ་མིག་དམར་ཉིན་མང་གཙོ་ཚོགས་པའི་རྒྱལ་ཡོངས་འཐུས་མི་རྒྱས་འཛོམས་ཚོགས་ཆེན་གྱིས་ལྕམ་ཧི་ལ་རི་ ཀི་ལིན་ཌན་ཚོགས་པ་དེའི་སྲིད་འཛིན་འོས་མིར་གཏན་འཁེལ་གསལ་བསྒྲགས་བྱས་ཏེ། ཨ་རིའི་ཆབ་སྲིད་ལོ་རྒྱུས་ནང་བེུད་གཅིག་སྲིད་འཛིན་གྱི་འོས་མིར་གཏན་འཁེལ་བྱུང་བ་དང་པོ་ཡིན་པ་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་དེར་ཁོང་གི་སྐུ་ཟླ་སྲིད་འཛིན་ཟུར་པ་བྷིལ་ ཀི་ལིཌན་ཌོན་གྱིས་གཏམ་བཤད་གནང་བའི་ནང་ ཨ་རིའི་མ་འོངས་པའི་མདུན་ལམ་ཆེད་ཧི་ལ་རི་ ཀི་ལིན་ཌན་སྲིད་འཛིན་ལ་འོས་འདེམས་བྱེད་དགོས་པ་ཡིན་ཞེས་གསུངས་འདུག ཡང་གྲོས་ཚོགས་གོང་མའི་འཐུས་མི་བྷར་ནི་ སེན་ཌརྶ་ཡིས་མངའ་སྡེ་དེ་ནས་འཐུས་མིའི་འོས་ཤོག་གྲངས་ཐོབ་གསལ་བསྒྲགས་ཟིན་མ་ཐག འོས་ཤོག་གི་གྲངས་ཐོ་ཡིག་ཆའི་ནང་གསལ་དགོས་པ་དང་ཆབས་ཅིག་ ལྕམ་ཧི་ལ་རི་ ཀི་ལིན་ཌན་ཨ་རིའི་སྲིད་འཛིན་གྱི་འོས་མིར་གསལ་བསྒྲགས་བྱེད་དགོས་པའི་རྒྱབ་གཉེར་གནང་ཡོད་པ་རེད།

XS
SM
MD
LG