ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྤྱི་མཐུན་ཚོགས་པའི་རྩ་འཛིན་ཡིག་ཆའི་ནང་བོད་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན།


ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པས་གཏན་འབེབས་བྱས་པའི་རྩ་འཛིན་ཡིག་ཆའི་ནང་ རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པ་དང་ ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རང་ལ་ཡོད་ཚུལ་གྱི་ཁུངས་ལུང་མེད་པའི་རྩོད་གླེང་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པར་ རྒྱ་ནག་གི་ཕྱི་སྲིད་ཁང་གིས་གཟའ་ཕུར་བུའི་ཉིན་ དགག་པ་བརྒྱབས་ཏེ་ ཨ་རིའི་སྤྱི་མཐུན་ཚོགས་པའི་རྩ་འཛིན་ཡིག་ཆའི་ནང་འཁོད་པའི་གནས་ཚུལ་དེ་ཚོ་ནི་ གཞི་མེད་པ་ཞིག་ཡིན་པས་ ང་ཚོར་གཞི་མེད་པའི་སྐྱོན་འཛུགས་དེ་རིགས་བྱེད་མཚམས་འཇོག་དགོས་པ་ཡིན་ཞེས་བརྗོད་ཡོད་པ་རེད།

XS
SM
MD
LG