ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་དང་སྲིད་སྐྱོང་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་གསར་པར་འཚམས་འདྲི།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འོས་འདེམས་བྱུང་བ་ པདྨ་མཁའ་འགྲོ་མཆོག་ལ་དགའ་བསུའི་འཚམས་འདྲི་དང་ལས་དོན་ལེགས་གྲུབ་ཡོང་བའི་སྨོན་ལམ་ཞུས་ཡོད་པ་དང་ སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནི་དུས་ཡུན་རིང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་ཟུར་བ་སྐུ་གཤེགས་རྡོ་རྗེ་མཁའ་འགྲོ་མཆོག་གི་སྲས་ཡིན་པ་དང་ཁོང་ནི་རྒྱ་གར་ནང་ནས་དགུང་ལོ་ཆུང་ཆོས་ཀྱི་མངའ་སྡེའི་སྤྱི་ཁྱབ་ཤིག་ཀྱང་ཆགས་པ་རེད།

XS
SM
MD
LG