ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཚོ་པདྨར་ཞབས་སོར་བཀོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གར་བྱང་ཕྱོགས་མཚོ་པདྨར་ཞབས་སོར་བཀོད་དེ་ཕྱི་ནང་ཆོས་ཞུ་བ་མང་ཚོགས་ལ་རྫ་དཔལ་སྤྲུལ་གྱིས་མཛད་པའི་ཐོག་མཐའ་བར་གསུམ་གྱི་ཉམས་ལེན་ཞེས་པའི་ཆོས་འབྲེལ་གནང་འདུག་པ་དང་། སྤྲེལ་ཟླ་ཚེས་བཅུའི་མཛད་སྒོ་གོ་སྒྲིག་གནང་མཁན་ཁོངས་མི་གནས་ཆུང་གྲ་ཚང་གི་དགེ་བཤེས་རྡོ་རྗེ་ལགས་ཀྱིས་གསུངས་དོན་ལ་ ༧གོང་ས་མཆོག་མཚོ་པདྨར་ཞབས་སོར་བཀོད་སྐབས་ཧ་མ་ཅལ་མངའ་སྡེའི་བློན་ཆེན་དང་ས་གནས་ཀྱི་དཔོན་རིགས། དགོན་པའི་དབུ་བླ་སོགས་དང་མི་མང་སྟོང་ཚོ་མང་པོས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཞུས་འདུག་པ་དང་། སང་ཉིན་སྤྲེལ་ལོའི་སྤྲེལ་ཟླ་ཚེས་བཅུ་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་དབུ་བཞུགས་གནང་རྒྱུ་དང་། ཉིན་རྒྱབ་རིགས་འཛིན་གསུང་གྲུབ་ཀྱི་བཀའ་དབང་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

XS
SM
MD
LG