རྒྱ་ནག་ནས་རྒྱལ་སྤྱིའི་མཚོ་གླིང་གི་རྩ་ཁྲིམས་ལ་གཏོར་བཤིག་གཏོང་གི་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཁང་ཞིག་ལ་ཧྥི་ལི་པེན་ནས་གྱོད་གཏུགས་བྱས་པ་བཞིན་ཚེས་༡༢་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་ནག་ལ་ཁྲིམས་བཤེར་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཧྥི་ལི་པེན་ལ་རྒྱབ་རྟེན་བྱེད་མཁན་ཨ་མེ་རི་ཀ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོར་ཁ་རྡུང་དྲག་པོ་གཏོང་གི་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་མེ་རི་ཀར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་དུ་རྒྱ་ནག་གཞུང་གིས་བཙན་འཛུལ་དང་མིས་བཟོས་གླིང་ཕྲན་གསར་རྒྱག་སོགས་ཀྱི་བྱ་སྤྱོད་ཐད།
