ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་མོན་གྷོཌ་གཞིས་ཆགས་སུ་ཞབས་སོར་བཀོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོཊ་བོད་མིའི་གཞིས་ཆགས་སུ་ཞབས་སོར་བཀོད་གནང་མཛད་འདུག་པ་དང་། སྐབས་དེར་གདན་སའི་དགེ་འདུན་པ་དང་གཞིས་ཆགས་མི་བཅས་ནས་དགའ་དད་གུས་གསུམ་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་རྗེས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་འབྲས་སྤུང་ཁྲི་པས་མཎྜལ་བརྟེན་གསུམ་འདེགས་འབུལ་ཞུས་འདུག ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ཀྱིས་གསུངས་དོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་གསུམ་གཙོས་དགེ་འདུན་བརྒྱ་ཕྲག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་གནང་རྒྱུ་དང་། ཕྱི་ཚེས་དྲུག་ཉིན་༸སྐུའི་འཁྲུངས་སྐར་མཛད་སྟོན་ལ་ཞབས་སོར་བཀོད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG