ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སོག་ཡུལ་གྱི་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་པའི་རྐྱེན་གྱིས་འོས་བསྡུ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ།



སོག་ཡུལ་གྱི་དཔལ་འབྱོར་ལ་གལ་གནད་ཧ་ཅང་ཆེ་བའི་གཏེར་རྫས་ཀྱི་ཚོང་ལས་ དེང་སྐབས་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར་ རེས་གཟའ་ལྷག་པའི་ཉིན་ ཡུལ་དེའི་ནང་ རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་བྱས་ཡོད་ཅིང་ ཐེངས་འདིའི་འོས་བསྡུའི་སྐབས་ ཡུལ་གྱི་ནང་ ལས་མེད་ཀྱི་གྲངས་འབོར་ཇེ་མཐོར་འཕར་བཞིན་པ་དང་ ཆབ་སྲིད་ཀྱི་ལམ་ལུགས་ལ་མང་ཚོགས་ཀྱིས་ཡིད་ཆེས་དང་ གདེང་འཇོག་དེ་ཙམ་མི་བྱེད་པའི་གནད་དོན་བཅས་ནི་ འོས་བསྡུའི་འགྲན་བསྡུར་ནང་ཞུགས་མཁན་དང་ མང་ཚོགས་བཅས་གཉིས་ཀས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད་ སོག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ནང་ འཐུས་མིའི་གདན་གྲངས་ཁྱོན་༧༦ཡོད་པ་དེ་དག་གི་ཆེད་དུ་ འགྲན་བསྡུར་བྱེད་མཁན་འོས་མི་ཁྱོན་༤༩༨ཡོད་པ་དང་ འོས་བསྡུའི་གྲུབ་འབྲས་དངོས་གཞི་་རེས་གཟའ་ཕུར་བུའི་སྔ་དྲོ་ཙམ་ལ་ཐོན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG