ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྡི་ལིའི་ནང་རྒྱལ་བ་ཀརྨ་པ་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུས་ཡོད་པ།


རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་སུམ་ཅུ་སོ་གཅིག་ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་ མཚུར་བུ་བླ་བྲང་གིས་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཡོད་པའི་སྨན་ཁང་ཞིག་ཏུ་ སྐྲན་ནད་ཀྱིས་མནར་བའི་ཉམ་ཐག་ཕྲུ་གུ་རྣམས་ལ་རྩེད་ཆས་དང་ ཤིང་འབྲས་སྐམ་པོ་སོགས་རྔན་པ་བགོ་འགྲེམས་གནང་བའི་ཐོག་ནས་ སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཡོད་ཅིང་ འཁྲུངས་སྐར་ལ་སྲུང་བརྩིའི་གནང་སྒོ་དེ་བཞིན་ ཕྱི་ཟླ་དྲུག་པའི་ཚེས་༢༦གི་ཉིན་ སྤེལ་ཡོད་པ་རེད།

XS
SM
MD
LG