ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༡/༡༨

ཆབ་ཆའི་བོད་མིར་དྲག་གནོན་བྱུང་བ།


Police Attack Tibetan Small-Business Owners Near Sacred Lake
Police Attack Tibetan Small-Business Owners Near Sacred Lake

རྒྱ་ནག་གཞུང་གིས་མཚོ་སྔོན་པོའི་མཚོ་འཁོར་ས་ཕྱོགས་གང་སར་ཡུལ་སྐོར་ཚོང་ལས་གཞི་རྒྱ་ཇེ་ཆེར་གཏོང་གི་ཡོད་པས། མཚོ་སྔོན་པོའི་མཐའ་རུ་རྩྭ་ཐང་དང་འབྲོག་ལས་ལ་བརྟེན་པའི་བོད་མིའི་འཚོ་གནས་ཀྱི་ས་ཁོངས་ཇེ་ཆུང་དུ་འགྲོ་བཞིན་ཡོད་ཅིང་། ཡང་གཞུང་འབྲེལ་དང་ཁེ་ལས་ཚོགས་པ་ཚོས་ཡུལ་སྐོར་ལྟེ་གནས་གཞི་རྒྱ་ཆེན་པོ་ག་ཚོད་བཟོས་ཀྱང་མཐར་ས་གནས་མང་ཚོགས་ལ་ཁེ་ཕན་གང་ཡང་མེད་པ་སོགས་ཀྱིས། བོད་མི་ཚོས་རང་ས་རང་ཡུལ་ནས་ཚོང་ལས་རྩག་རྩིགས་གཉེར་ཐབས་བྱེད་སྐབས་གཞུང་འབྲེལ་གྱིས་བཀག་སྡོམ་བྱེད་བཞིན་ཡོད་འདུག དེ་རིང་ས་གནས་བོད་མི་ཚོས་༼ང་ཚོ་འཚོ་དགོས། ང་ཚོས་ཟ་མ་བཟའ་དགོས།༽ཞེས་ཁྲིམས་མཐུན་ལུགས་མཐུན་གྱི་ལམ་ནས་ཞི་བའི་ངོ་རྒོལ་བྱེད་སྐབས། རྫོང་དང་ཞང་གི་མགོ་ཁྲིད་ཚོས་དམག་མི་ཁྲིད་ཡོང་ཏེ་མང་ཚོགས་ལ་བཅར་རྡུང་བྱས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG