ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀྲུག་ཡུང་ཁང་གི་ཆུང་མ་དང་བུ་གཉིས་ལ་ཁྲིམས་ཐག་བཅད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༦་ཚེས་༡༥་ཉིན་རྒྱ་ནག་གི་ཧུ་པེ་ཞིང་ཆེན། དབྱི་ཁྲང་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུག་ཡུང་ཁང་གི་ཆུང་མ་དང་བུ་གཉིས་ལ་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱས་ཏེ། ཀྲུག་བིན་ལ་ལོ་༡༨་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོ་པའི་མ་གཡར་ཅ་ཤའོ་ཡེ་ལ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག དབྱི་ཁྲང་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གི་དྲ་རྒྱའི་ནང་དུ་ཀྲུག་ཡུང་ཁང་གི་ཆུང་མར་ཁྲིམས་ཐག་བཅད་པ་ཕྱི་ཟླ་༦་ཚེས་༨་ཉིན་ཁྱབ་བསྒྲགས་བྱས་ཀྱང་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལས་ཁང་ཁག་གིས་ཀྲུག་ཡུང་ཁང་གི་ཆུང་མ་དང་བུ་གཉིས་ལ་ཁྲིམས་ཐག་བཅད་པ་ཁ་སང་བར་དུ་ཕྱིར་བསྒྲགས་བྱས་མེད་ཅིང་། ད་དུང་ཁ་སང་གི་གསར་འགྱུར་དེ་ཉིད་རྒྱ་ནག་གི་དྲ་རྒྱ་ཁག་ཁག་ཏུ་ཐོན་ཟིན་པ་རྣམས་ཀྱང་ནག་སུབ་བཏང་སྟེ། ད་ལྟ་ཀྲུག་ཡུང་ཁང་དང་ཁོ་པའི་ཆུང་མ་ཅ་ཤའོ་ཡེ། བུ་ཀྲུག་བིན་བཅས་ལ་འབྲེལ་བ་ཡོད་པའི་གསར་འགྱུར་རྣམས་རྒྱ་ནག་གི་དྲ་ལམ་དུ་རྙེད་རྒྱུ་མེད་པར་བཏང་ཡོད་པ་དང་། ཀྲུག་བིན་གྱིས་ཨ་སྒོར་ས་ཡ་༣༣་ལྐོག་ཟ་བྱས་པ་ཡིན་ཞེས་ཁྲིམས་ཁང་ལ་ངོས་ལེན་བྱས་ཀྱང་ཁོ་ལ་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་༥༣་གྱི་ཆད་པ་བཅད་པ་དེ་ལ་བལྟས་ཚེ། ཀྲུག་ཡུང་ཁང་གི་ཆུང་མ་སྔོན་མའི་བུ་ཀྲུག་བིན་རྒྱུ་སྟོབས་ཆེན་པོ་ཡིན་པ་ར་འཕྲོད་ཐུབ་པ་དང་། རྒྱ་ནག་གི་ཁྲིམས་ཁང་དེས་ཀྲུག་ཡུང་ཁང་གི་ཆུང་མ་ཅ་ཤའོ་ཡེ་ལའང་ཨ་སྒོར་འབུམ་གཅིག་དང་ཕྱེད་ཀ་ལྷག་ཆད་པ་བཅད་ཡོད་པ་མ་ཟད། ཐོག་མར་༢༠༡༤་ལོར་ཀྲུག་ཡུང་ཁང་གི་བུ་དང་དེ་མིན་གྱི་གཉེན་ཚན་༡༠་ཐམ་པ་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པ་དང་། སྔ་ལོ་རྒྱ་ནག་གཞུང་གིས་ཀྲུང་ཡུང་ཁང་ལའང་ལྐོག་ཟ་དང་ཁྲིམས་འགལ། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་པའི་ནག་ཉེས་ཐོག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།།

XS
SM
MD
LG