ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

༧གོང་ས་མཆོག་གིས་ཨ་རིའི་ཞི་བདེའི་ལྟེ་གནས་ཁང་དུ་ཞི་བདེའི་སྐོར་ལམ་སྟོན་མཛད་པ།


བོད་ཀྱི་དབུ་ཁྲིད་ ༧གོང་ས་མཆོག་གི་ཟླ་བ་འདིའི་ཨ་མི་རི་ཀའི་མཛད་རིམ་ཐོག་མ་དེ་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་ནས་དབུ་འཛུགས་གནང་བ་དང་། ལྟེ་གནས་ཁང་གིས་༧གོང་ས་མཆོག་གི་ལམ་སྟོན་ཞུས་པ་རྒྱུད་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བའི་དོན་རྐྱེན་བྱུང་ཡུལ་གྱི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་མཉམ་དུ་ཞི་བདེའི་ཐབས་ལམ་ས་གནས་སུ་ལག་བསྟར་བྱ་རྒྱུའི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་པ་རེད། གཟའ་ཟླ་བའི་ཉིན་གྱི་མཛད་རིམ་གྱི་ཐོག་མར་ཉེ་ཆར་དེང་རབས་ཨ་མི་རི་ཀའི་ལོ་རྒྱུས་ནང་མི་བསད་ཀྱི་དོན་རྐྱེན་ཚབས་ཆེ་བྱུང་པར་ཐུགས་ཕམ་ངང་ཐུགས་སྨོན་མཛད་པ་དང་། ཞི་བདེའི་བསྐྲུན་ཐབས་ཀྱི་བཀའ་སློབ་ཉན་པར་བཅར་མཁན་ར་ཚོགས་བཅར་བ་གསུམ་བརྒྱ་ཙམ་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG