ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའིརིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་མཇུག་བསྒྲེལ་ཡོད་པ།


བོད་བརྒྱུད་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པའི་སྐབས་སུ་བོད་ཀྱི་ཆོས་ཚོགས་ཁག་དང་ས་གནས་བོད་མིའི་དབར་འབྲེལ་ལམ་དམ་ཟབ་ཡོང་ཐབས་དང་། རིས་མེད་ཆོས་བརྒྱུད་ཀྱི་དཔེ་དེབ་ཅིག་པར་སྐྲུན་བྱ་རྒྱུ་ཐག་གཅོད་བྱུང་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་༧ དང་༨ བཅས་ཉིན་གྲངས་གཉིས་ཀྱི་རིང་ཨ་རིའི་རྒྱལ་སའི་ཉེ་འདབས་ལ་ཆགས་པའི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་སུ། རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་དྲུག་པ་བསྐོངས་ཚོགས་གནང་ཡོད་ཅིང་། གོང་ཞུས་ཚོགས་འདུར་ཨ་མི་རི་ཀ་དང་ཀེ་ན་ཏའི་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་ཀྱི་སྐུ་ཚབ་འཐུས་མི་ཁྱོན་༡༤ ཙམ་ཆེད་ཕེབས་གནང་སྟེ། ཆོས་བརྒྱུད་རིས་མེད་ཀྱི་ལྟ་གྲུབ་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བྱ་ཕྱོགས་དང་། ནུབ་ཕྱོགས་ཁུལ་ལ་ཡོད་པའི་ནང་པའི་ཆོས་ཚོགས་དང་ས་གནས་བོད་མིའི་དབར་འབྲེལ་བ་ཟབ་ཏུ་གང་འདྲ་བྱས་ཏེ་གཏོང་དགོས་མིན། ནང་ཆོས་དར་བཞིན་པའི་འཛམ་གླིང་ཤར་ནུབ་ཀྱི་ས་ཕྱོགས་ཀུན་ཏུ། ནང་དོན་རིག་པའི་ལྟ་གྲུབ་དང་ཀུན་སྤྱོད་ཀྱི་ཆེ་མཐོང་མ་བརླག་པ་བྱེད་ཕྱོགས་སྐོར། རིས་མེད་ཆོས་བརྒྱུད་ཀྱི་ཚོགས་འདུའི་གྲུབ་དོན་ཁག་སྤྱི་ཚོགས་ནང་དངོས་སུ་ལག་བསྟར་ཐུབ་ཐབས་དང་། དེ་བཞིན། བོད་ཀྱི་ཆོས་བརྒྱུད་ཁག་མཐུན་ལམ་གོང་མཐོར་གཏོང་ཐབས་བཅས་ཀྱི་གྲོས་གཞིའི་ཐད་བཀའ་བསྡུར་གནང་ཡོད་པ་རེད།

XS
SM
MD
LG