ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་སྲིད་བློན་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཡོད་པ།


རྒྱ་གར་གྱི་སྲིད་བློན་མོ་ཏི་མཆོག་ཨ་མི་རི་ཀའི་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཡོད་པ་ལྟར། དེ་རིང་རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨཱོ་བྷ་མ་མཆོག་དང་མཇལ་ཕྲད་གནང་ཡོད་པ་དང་། མཇད་འཕྲད་འདི་ནི་འདས་པའི་ལོ་གཉིས་ཀྱི་རིང་དབུ་ཁྲིད་རྣམ་གཉིས་ཕན་ཚུན་མཇལ་འཕྲད་བྱུང་བ་ཐེངས་བདུན་པ་དེ་ཡིན་པ་དང་། ད་ལན་རྒྱ་གར་གྱི་སྲིད་བློན་མོ་ཏི་མཆོག་གིས་རྒྱལ་དོན་འཚམས་གཟིགས་འདིའི་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བརྒྱུད་རིམ་ཁག་བཟང་དུ་གཏོང་བའི་ ཐོག་ནས་་དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ཁག་གི་ཐད་ གྲོས་མོལ་ལྷུག་པོ་ཞིག་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG