ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་དམག་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཅན་ཁུལ་དུ་བཏང་བ།


ཨ་མི་རི་ཀའི་མེ་ཤུགས་འཕུར་མདེལ་འཁྱེར་པའི་དམག་གྲུ་ཞིག་ལྷ་རྒྱ་ནག་རྒྱ་མཚོའི་ནང་དུ་བཏང་སྟེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་ཕལ་ཆེ་བའི་བདག་དབང་རྩོད་ཀྱི་ཡོད་པ་དེར་བརྩི་མེད་བཏང་ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་ཨ་མི་རི་ཀའི་དམག་གྲུ་དེའི་སྐོར་གཡེང་ཁྲིམས་འགལ་ཡིན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་བཞིན་འདུག་ཅེས་ཁ་རྡུང་དྲག་པོ་བཏང་ཡོད་པ་དང་། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་རྒྱ་ནག་གི་བཙན་བཟུང་བྱས་པའི་གླིང་ཚོམ་ཞིག་དང་རྒྱང་ཐག་མཚོ་ལེ་༡༢་ཡོད་པའི་མཚམས་སུ་ཨ་མི་རི་ཀའི་དམག་གྲུ་དེ་བཏང་ཡོད། རྒྱ་ནག་དང་ཐེ་ཝན། ཝིཏ་ནམ་སོགས་རྒྱལ་ཁབ་འགའ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བདག་དབང་བརྩད་དེ། ཁོ་ཚོས་མཚོ་ཐོག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ལ་སྟངས་འཛིན་བྱེད་ཀྱིན་འདུག ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་དམག་གྲུ་བཏང་བ་ཡིན་ཞེས་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

XS
SM
MD
LG