ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕོ་བྲང་དཀར་པོས་རྒྱ་ནག་ལ་ཁ་གཏད་གཅོག་མཁན་དམག་དཔོན་ཞིག་བཀག་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་ཁག་གི་བདག་ལ་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་རྩོད་གླེང་ཡོང་གི་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ཏེ། ལྷོ་རྒྱ་ནག་རྒྱ་མཚོ་ཕལ་ཆེ་བ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འགལ་ཟླ་ཆེན་པོ་སློང་གི་ཡོད་ཅིང་། ཨ་རིའི་མཚོ་དམག་སྤྱི་ཁྱབ་པ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་ཨ་མི་རི་ཀའི་མཚོ་དམག་གིས་གནམ་མཚོ་གཉིས་ནས་སྐོར་གཡེང་བྱ་རྒྱུ་དང་། རྒྱ་ནག་གི་རྒྱ་སྐྱེད་ལ་ཀུན་སློང་ལ་ཨ་མི་རི་ཀའི་མཚོ་དམག་གིས་ཁ་གཏད་གཅོག་འདོད་ཡོད་ཅེས་བརྗོད་ཀྱང་ཕོ་བྲང་དཀར་པོས་དེ་ལ་མོས་མཐུན་མ་བྱས་པར་མཚོ་དམག་གི་དམག་སྤྱི་དེར་བཀག་འགོག་བྱས་ཡོད་པ་རེད།།

XS
SM
MD
LG