ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནིའུ་ལྡི་ལི་བརྙན་འཕྲིན་ཁང་གི་བཅར་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནིའུ་ལྡི་ལི་བརྙན་འཕྲིན་ཁང་གིས་ཕྱི་ཟླ་༤་ཚེས་༧་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་དུ་བཅར་འདྲི་ཞུས་ཏེ། ༧གོང་ས་མཆོག་གིས་གནད་དོན་སྣ་མང་ཞིག་ལ་དགོངས་ཚུལ་ཅི་ཡོད་བཀའ་མོལ་ལྷུག་པོ་གསུང་གནང་མཛད་པ་མ་ཟད། རྒྱ་གར་གྱི་ན་གཞོན་ཚོས་ རང་གི་གནའ་རབས་ཀྱི་རིག་གཞུང་ཟབ་ཅིང་ཕྱུག་པ་རྣམས་མ་དོར་པར་དངོས་སུ་སློབ་སྦྱོང་བྱས་ནས་ཉམས་ལེན་ལེགས་པར་བྱ་ཐུབ་པ་དགོས་པའི་བླང་དོར་བཀའ་སློབ་བསྩལ་གནང་འདུག

XS
SM
MD
LG