སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་གསར་པ་དང་། ལྡེ་ར་ལྡུན་གཉིས་སུ་ཆིབས་སྒྱུར་བསྐྱངས་ནས་དུས་ཡུན་བདུན་ཕྲག་ཅིག་གི་རིང་ལ་མཛད་འཕྲིན་བསྐྱང་འཆར་ཡོད་ཅིང་། ཕྱི་ཚེས་༤་ཉིན་༧གོང་སམཆོག་བཞུགས་སྒར་ནས་ཕེབས་ཐོན་མཛད་དེ་ཕྱི་ཚེས་ལྔའི་ཉིན་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་གྱི་སྲིད་དོན་པ་ཁག་ཅིག་དང་གཞུང་འབྲེལ་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་བ་མ་ཟད། ཕྱི་ཚེས་༦་ཉིན་༧གོང་ས་མཆོག་རྒྱལ་ས་ལྡི་ལི་ནས་རྒྱ་གར་བྱང་ཕྱོགས་ཀྱི་རྡེ་ར་རྡུན་ས་གནས་སུ་ཆགས་པའི་ནགས་ཚལ་གྱི་སྒྲུབ་གནས་ཤིག་དབུ་འབྱེད་མཛད་དུ་ཕེབས་ཡོད་པ་རེད།།