ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པས་ལྐོག་ཟ་ཚབས་ཆེན་བྱས་ཡོད་པ།


རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་གིས་གཟའ་མིག་དམར་ཉིན་མོར་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཀོའོ་པོ་ཞུང་ལ་གཞུང་དངུལ་ལྐོག་ཟ་དང་རྐུ་འཁྱེར་ཚབས་ཆེན་བྱས་པའི་ནག་ཉེས་ཡོད་ཅེས་གསལ་བསྒྲགས་བྱས་ཡོད་ཅིང་། འདི་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་ཁ་གཏད་གཅོག་པའི་ལས་འགུལ་ནང་དུ་དམག་དོན་མི་སྣའི་གྲས་ཀྱི་གོ་གནས་མཐོ་ཤོས་དེ་ཆགས་ཡོད་པ་རེད།།

XS
SM
MD
LG