ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༡/༢༠

ཡུ་གུར་པའི་་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཞིག་ཨ་རིར་ཡོང་བར་རྒྱ་ནག་གིས་ངོ་རྒོལ།



ཨ་མི་རི་ཀའི་ཚོགས་པ་ཞིག་གིས་ཤིང་ཅང་གི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པའི་འགོ་ཁྲིད་ཞིག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་བྱ་དགའ་སྤྲད་པར་རྒྱ་ནག་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཅིང་། སྲིད་འཛིན་ཞིས་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་རྒྱལ་སྤྱིའི་རྡུལ་ཕྲན་བཀག་སྡོམ་གྱི་ཚོགས་ཆེན་ལ་ཕེབས་རྒྱུའི་སྔ་ནུབ་ཏུ་དམར་ཤོག་གི་སྲིད་དབང་འོག་ནས་དཀའ་སྡུག་མྱོང་མཁན་ལ་དྲན་གསོའི་ཐེབས་རྩ་ཁང་གིས་ཤིང་ཅང་གི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་རྡོར་ཁྷོང་ཨེ་སྷ་ཞུ་བ་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བྱ་དགའ་ཕུལ་་ཡོད་པས། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་བྱ་དགའ་སྤྲད་པ་འགྲོ་བ་མིའི་ཐོབ་ཐང་ལ་མཚན་སྨད་ཞུས་པ་རེད་ཅེས་གཞུང་འབྲེལ་ཐོག་ཏུ་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG