ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དང་བལ་ཡུལ་དབར་གྲོས་མཐུན་བྱུང་བར་རྒྱ་གར་གྱིས་དོགས་ཟོན་བྱེད་པ།


བལ་ཡུལ་གྱི་སྲིད་བློན་ ཀེ་ པི་ ཤར་མ་ ཨོ་ལི་ ཉེ་ཆར་རྒྱ་ནག་ལ་གཟའ་འཁོར་གཅིག་རིང་གི་འཚམས་གཟིགས་ཀྱི་སྐབས་ ཡུལ་གཉིས་དབར་སྐྱེལ་འདྲེན་བྱེད་སྒོའི་གྲོས་མཐུན་ལ་ས་རྟགས་བརྒྱབས་ཡོད་པར་བརྟེན་ བལ་ཡུལ་གྱིས་ རྒྱ་ནག་གི་གྲུ་ཁ་བེད་སྤྱོད་བྱེད་ཆོག་རྒྱུ་ཡིན་པ་མ་ཟད་ཕྱོགས་གཉིས་ནས་རྒྱ་ལམ་བརྒྱུད་ཕན་ཚུན་འབྲེལ་མཐུད་རྒྱ་ཆེ་རུ་གཏང་རྒྱུ་དང་ བལ་ཡུལ་དང་ རྒྱ་ནག་གིས་ཐོན་སྐྱེད་བྱེད་སའི་ས་ཁུལ་གཙོ་བོ་བའི་བར་མེ་འཁོར་འབྲེལ་མཐུད་འཛུགས་རྒྱུའི་དཔྱད་ཞིབ་བྱ་རྒྱུ་མོས་མཐུན་བྱུང་ཡོད་པ་སོགས་ གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོ་ཞུ་གི་རེད།

XS
SM
MD
LG