ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བལ་ཡུལ་ནང་ས་ཡོམ་གྱི་རྐྱེན་པས་ཇོ་མོ་གླང་མར་ཤུར་ཁ་དང་ཁོག་སྟོང་ཆགས་ཡོད་པ།



སྔ་ལོ་ཕྱི་ཟླ་ ༤ པའི་ ཚེས་ ༢༥ ཉིན་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་བརྒྱབས་པའི་སྐབས་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་ཡང་ཤུར་ཐོན་པ་དང་། རི་བོ་ཁོག་སྟོང་ཆགས་ཡོད་པ་གངས་རི་འཛེགས་མཁན་གྱིས་བཤད་བྱས་འདུག རི་བོ་ཇོ་མོ་གླང་མར་མ་འཛེགས་གོང་དུ་གྲ་སྒྲིག་བྱེད་མཁན་ལས་མི་ཚོས་འཁྱག་རོམ་ཡོད་སའི་ལམ་དུ་ཧ་ཡང་གི་སྐས་འཛེགས་དང་། ཐག་པ་བཏགས་དགོས་ཀྱང་གངས་རིར་ཤུར་ཁ་ཆེན་པོ་དང་། ཁོག་སྟོང་ཆེན་པོ་ཡོད་པའི་རྐྱེན་གྱིས་ཁོང་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་གནང་གི་རེད།

XS
SM
MD
LG