ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བྷེལ་ཇིཡམ་ཡུལ་གྱིས་་བྱེད་གཏེ་ལག་དམར་བ་གཉིས་ངོ་རྟགས་ཆོད་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


གཟའ་མིག་དམར་ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་བྷུ་ར་སེལྶ་རྒྱལ་སྤྱིའི་ གནམ་ཐང་དང་། རི་ལེའི་བབས་ཚུགས་གཉིས་ལ་འཇིགས་སྐུལ་རིང་ལུགས་པ་ཚོས་འབར་རྫས་ཀྱི་གཏོར་རྒོལ་བྱས་པ་ཏེ་་མི་གྲངས་༣༤ལ་སྲོག་སྐྱོན་དང་། ༢༧༡་ཙམ་ཞིག་ལ་རྨས་སྐྱོན་ཕོག་པ་རེད། ཚབས་ཆེའི་གནས་ཚུལ་དེ་ཚོ་བྱུང་བའི་རྗེས་་བདེ་འཇགས་མི་སྣ་ཚོས་བྱེད་གཏེ་ ལག་དམར་བ་རྣམས་འཚོལ་ཞིབ་རྒྱ་ཆེ་བྱས་པ་ལ་བརྟེན་ནས་ད་བར་མི་གཉིས་ངོ་རྟགས་ཆོད་ཡོད་འདུག་ཀྱང་། ད་དུང་་མི་གསུམ་་གང་དུ་སོང་ཡོད་མེད་དང་་ཁོང་ཚོའི་ལས་འགུལ་སྤེལ་ཡུལ་ཁག་ལ་འཚོལ་ཞིབ་བྱེད་ཀྱི་ཡོད་པ་སོགས་ ད་ལྟའི་ཆར་བྲེལ་ཇིཡམ་ནང་བདེ་འཇགས་ཀྱི་གནས་སྟངས་ཛ་དྲག་པོ་ཡོད་པ་རེད། དེའི་སྐོར་ རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG